Welcome ceremony

  • Post author:
  • Post last modified:August 5, 2024
  • Post comments:0 Comments

༄༅། །བོད་རྒྱལ་ལོ་ ༢༡༤༩ རབ་གནས་ཆུ་སྟག་ལོ་བོད་ཟླ་ ༡༠ ཚེས་ ༥ ཕྱི་ལོ་༢༠༢༢ ཕྱི་ཟླ་༡༡ ཕྱི་ཚེས་༢༨ ཉིན་གཟའ་སྐར་ཕྲོད་སྦྱོར་དགེ་བའི་ཉིན་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྡོ་རྗེ་འཆང་༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེའི་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་གོང་མའི་གདན་སར་ཞབས་པད་བཀྲ་ཤིས་ཀྱི་རེ་ཁ་མངོན་པར་འཁོད་དེ་༧སྐྱབས་རྗེ་ནམ་སྙིང་རིན་པོ་ཆེ་མཆོག་གིས་དབུ་སྐྲ་གཙུག་ཕུད་དང་། སྐུ་ཁྲུས་ན་བཟའ་གསོལ་རས་བཀའ་དྲིན་བསྐྱངས་གནང་བ་དང་། རིན་པོ་ཆེ་གཙོས་པའི་ཕྱོགས་མཐའ་ཁག་ནས་ཕེབས་པའི་བླ་སྤྲུལ་སྐུ་ཚབ་དང་བཅས་པ་རྣམས་ཀྱིས་སྐུ་གསུམ་མཎྜལ་འདེགས་འབུལ་དང་བཅས། སྐལ་བཟང་གི་ཉིན་མོའི་མཛད་སྒོ་མདོར་བསྡུས་ཚོགས་པའི་རྣམ་པ་ཟུར་གཅིག་དད་ལྡན་སློབ་འབངས་ཡོངས་ཀྱི་སྤྱན་ལམ་དུ་གཟིགས་འབུལ་ཡོད་པ་ཞུ།། 28.11.2022. Some glimpse of heartily welcome ceremony to H.H Taklung Tsetrul Rinpoche’s reincarnation, Yangsi Rinpoche Jigdrel…

Continue ReadingWelcome ceremony

ཆོས་འཁོར་དུས་ཆེན། Choekhor Duchen

  • Post author:
  • Post last modified:August 5, 2024
  • Post comments:0 Comments

༄༅། །སྟོན་པ་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་བདེན་པ་བཞིའི་ཆོས་གསུང་བའི་དུས་ཁྱད་པར་ཅན་དང་སྟབས་བསྟུན། དེ་རིང་བོད་ཟླ་༦ པའི་ཚེས་༤ ཉིན་མཁན་རིན་པོ་ཆེ་བསོད་ནམས་བཀྲ་ཤིས་མཆོག་ནས་དགེ་འདུན་འདུས་པ་ཡོངས་ལ་༼ འཕགས་པའི་བདེན་པ་བཞིའི་༽ སྐོར་ཚིག་གོ་སླ་བའི་སྒོ་ནས་འགྲེལ་བཤད་གནང་བ་དང་། ༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གིས་སྒྲིགས་གནང་བའི་རབ་ཏུ་བྱུང་བ་རྣམས་གཞི་གསུམ་ཉམས་སུ་ལེན་པའི་ཆོ་ག་༼ དབྱར་གནས་དང་ཡར་ངོ་མར་ངོའི་གསོ་སྦྱོང་སྐབས་ཀྱི་ཞལ་འདོན་ཕྱོགས་སྒྲིགས་ཕན་བདེ་འོད་སྣང་ཞེས་བྱ་༽ བའི་ལྗགས་ལུང་གསུང་ནས་ཆོས་འཁོར་དུས་ཆེན་སྲུང་བརྩི་ཞུས་པའོ།། Today, on Chokhor Duchen, we commemorate a pivotal moment in Buddhist history: the First Turning of the Wheel of Dharma…

Continue Readingཆོས་འཁོར་དུས་ཆེན། Choekhor Duchen